Thursday, 12 December 2013

ཀ་རྩོམ་ཐོག་མ།
སྨྱུག་མིང་།   སེམས་ཆུང་།
ཀ་ཡི་བརྩེ་བའི་གྲོགས་པོ་དཔལ་འབྱོར་ལགས།།
ཁ་བར་ཡོད་པའི་དེང་དུས་བཀའ་་དྲིན་ཆེ།།
ག་དུས་ཡིན་ཡང་མོ་རང་མ་དྲན་དང།། 
ང་དང་འཛིན་གྲོགས་རྣམས་ལ་ཡ་བྱེད་རོགས་།

ཅ་ཅག་ཁ་ཡི་ཟས་པའི་སྐད་ཅོར་དེ།།
ཆ་ལས་ཟས་འདོས་རང་ལ་མེད་པ་ན།།
ཇ་ཐུང་བསྡད་པའི་གྲོགས་པའི་སྐད་ཆ་རྣམས།།
ཉ་ཡིས་སྙིང་འདྲ་སེམས་དེ་མེད་པར་བཟོས།།

ཏ་ག་ཏག་གོམ་པའི་རྟ་རྣམ་པ།།
ཐང་ཆེ་ཐོག་ལ་རྒྱུགས་པ་མཐོང།།
ད་རིང་ངའི་རྟ་བཏང་འདོད་དེ་།།
ན་རེ་ན་རེ་བྱེད་རྒྱུ་མེད་པ་བླག་།།

པ་ཁུ་ཁྲ་བུ་བྱུང་བའི་རྒྱུ་གརྩོདེ།
ཕ་ཡི་དྲིན་ལས་རྗེས་པའི་རྐྱེན་དེ་ཡིན།།
བ་ལེ་ཆོ་མེད་འགྲོ་སོང་བཏང་བ་དེ།།
མ་ཡི་དཀའ་ངལ་ཚོར་ཉོང་མེད་པའི་བུ།

 ཐང་ལྗང་ཞིང་ཆེ་བའི་འཁོར་ཡུག་དེ།།
ཚ་བ་དུས་ཚོད་ཕྱིན་པའི་ཟླ་བ་དེ།།
ཛ་ཤར་བའི་ཆར་དུས་ནམ་དུས་དེ།།
ཝ་ལེ་ཝ་ལེ་ང་ཡི་སེམས་ལ་ཤར།།

ཞ་ར་འདྲ་བའི་མི་རྣམས་འཁོར་བ་ནང།།
ཟ་ཐུང་ཐོག་ལ་མ་དྲན་དུད་འབྲོ་རྣམས།།
འ་རེ་འུ་རེ་བདེ་ཆུང་ཐོག་ལ་དགའ།།
ཡ་ལ་ཐར་བའི་རེ་བ་ཁྱུ་ནས་མེད།།

རི་བ་ཆེ་བའི་གྲོགས་པོ་བཀྲ་ཤིས་ལ།།
ལས་ཀ་ནིར་བ་ཁྱུ་ནས་མ་བྱེད་རོགས།།
ཤར་བའི་དུས་ཉིན་སྡུག་བའི་ཉིན་མོ་ལ།།
ས་ཕྱོགས་ལམ་ན་བགླགས་བའི་ཡོང་བ་འདྲ།།

ཧ་ཅང་ཆེ་བའི་ཐང་ལྗང་དེ་འདྲ་ནང།།
ཧ་ལམ་རོ་ནལ་འདྲ་བའི་རྩེ་མཁན་ཁྱོད།།
ཨ་རོ་ཨུ་རེ་སྤུ་ལི་ཞུ་བ་དེ།།
ཨ་བཌ་བྱེད་པའི་ཁྱོད་རྣམས་རྩེད་མོ་ཤོར་།།